མོང་སྒར་རྫོང་ཁག་གི་ལོ་བསྟར་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ།

12 June 2022

༉ མོང་སྒར་རྫོང་ཁག་གི་ལོ་བསྟར་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༨ པ་འདི་ སྤྱར་འཛམ་གླིང་ཞི་བདེ་དང་ རྒྱལ་ཁབ་ཀྱི་བདེ་སྐྱད། རྒྱལ་ཡོངས་ དགའ་སྐྱད་དཔལ་འཛོམས་ཀྱི་ལྟ་བ་ཆོས་དང་ལམ་སྲོལ་གྱི་ཀ་ཆེན་ མ་ཉམས་པར་བཞག་ཐབས་དང་ ལྷག་པར་དུ་ ཡུལ་ཕྱོགས་དང་ལུང་ཕྱོགས་འདི་ནང་ ནད་ཡམས་མུ་གེ་ འཁྲུགས་རྩོད་སོགས་མེད་པར་ འགྲོ་བ་སེམས་ཅན་གེ་ར་ ཞི་བདེ་འབྱུང་ཐབས་ལུ་ སྐྱབས་རྗེ་རྡོ་རྗེ་འཆང་མཆོག་གིས་བཀའ་བཞིན་དུ་ མོང་སྒར་རབ་སྡེའི་ བླམ་གནས་བརྟན་མཆོག་གི་དབུ་བཞུགས་ཐོག་ མོང་སྒར་གྲྭ་ཚང་ དགོན་སྡེ་ཁག་དང་བཤད་གྲྭ་ཁག་གི་བླ་སློབ་ཚུ་གིས་ འགོ་བཙུགས་གནང་ཡོདཔ་ཨིན།